སེར་བས་སྒོ་སྒེའུ་ཁུང་བཅག་པ།


2013.06.15
སེར་བས་གྱོང་གུད་ཚབས་ཆེ་བཟོས་པ། མདོ་སྨད་རེབ་གོང་ཁུལ་དུ་སེར་བ་དྲག་ཆར་བབས་པ།
Photo: RFA

༄༅༎བོད་ནང་གི་རྒྱ་གཞུང་གི་དབྱེ་བས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་རེབ་གོང་ཁུལ་དུ། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་གྱི་ཕྱི་དྲོ་གློ་བུར་དུ་སེར་བ་དྲག་ཆར་བབས་ཏེ་ཁྲོམ་ལམ་དུ་ཡོད་པའི་སྣུམ་འཁོར་མང་པོའི་ཤེལ་སྒོ་དང་ཁང་པའི་སྒོ་སྒེའུ་ཁུང་སོགས་བཅག་སྟེ་གྱོད་གུད་ཚབས་ཆེ་ཕོག་ཡོད་པ་དང་། ཁྲོམ་ལམ་དུ་དྲག་ཆར་གྱི་རྐྱེན་པས་སྣུམ་འཁོར་དང་མི་ལ་སོགས་པར་འགྲོ་བསྐྱོད་བཀག་འགོག་བྱས་ཡོད་པའི་གནས་ཚུལ། མིང་འདོན་གནང་འདོད་མེད་པའི་བོད་མི་ཁག་གིས་འདྲ་པར་དང་བཅས་ང་ཚོའི་རྒྱ་གར་ལྷོ་ཕྱོགས་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་སུ་ཞིབ་ཕྲའི་གནས་ཚུལ་ངོ་སྤྲོད་གནང་འདུག།སྒྲ་ལྡན་གསར་འགྱུར།གསར་འགྱུར་ལ་གསན་རོགས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎