བོད་རིགས་སྒྱུ་རྩལ་བ་སོག་ཕྲུག་ཤེས་རབ་གློ་བུར་དུ་འཛིན་བཟུང༌།

ཨ་མདོ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རྫོང་ནས་ཡིན་པའི་ན་གཞོན་སྒྱུ་རྩལ་བ་སོག་ཕྲུག་ཤེས་རབ་གློ་བུར་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བྱས་པ།

2012.09.22

༄༅༎བོད་ཨ་མདོ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རྫོང་ནས་ཡིན་པའི་ན་གཞོན་སྒྱུ་རྩལ་བ་སོག་ཕྲུག་ཤེས་རབ་གློ་བུར་རྒྱ་ནག་གི་འབྲེལ་ཡོད་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
དེ་ཡང་བོད་ནས་གནས་ཚུལ་འབྱོར་དོན། བོད་ནང་གི་ན་གཞོན་སྒྱུ་རྩལ་བ་སོག་ཕྲུག་ཤེས་རབ་གློ་བུར་དུ་ཟླ་འདི་སྤྱི་ཚེས་༢༠་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བདུན་དང་ཕྱེད་ཀ་ཙམ་ལ་ ཧེ་ནན་སོག་རྫོང་གི་འབྲེལ་ཡོད་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་། འོན་ཀྱང་འཛིན་བཟུང་བྱེད་དགོས་བའི་རྒྱུ་མཚན་དང་། འཛིན་བཟུང་གིས་གང་དུ་ཁྲིད་ཡོད་མེད་སོགས་གནས་ཚུལ་ཁ་གསལ་མེད་ཀྱང་།   ཁོང་གིས་ནམ་རྒྱུན་བོད་ནང་གི་དངོས་ཡོད་གནས་སྟངས་དང་། བོད་མིའི་སྐྱིད་སྡུག་གནས་སྟངས་མང་པོ་གཞས་དང་སྒྱུ་རྩལ་སོགས་ཀྱི་ལམ་ནས་གསལ་སྟོན་བྱེད་ཀྱི་ཡོད་པའི་རྐྱེན་ཡིན་པར། ས་གནས་དེ་གའི་མི་ཚོས་ཚོད་དཔག་བྱེད་བཞིན་ཡོད་འདུག
གཞས་པ་སོག་ཕྲུག་ཤེས་རབ་ཀྱིས་ལོ་རབས་དགུ་བཅུ་ནས་གླུ་གཞས་གཏམ་བརྗོད་སོགས་འཁྲབ་སྟོན་གང་མང་བྱས་ཡོད་པ་མ་ཟད། རྒྱ་ནག་གི་གཏམ་རྒྱུད་གྲགས་ཆེན། གྲུབ་ཐོབ་ཅཱི་ཀུང་ཟེར་བ་སོགས་འཁྲབ་སྟོན་བྱས་ཏེ། བོད་རིགས་རྒྱ་ཆེའི་གཟིགས་མཁན་དང་གསན་མཁན་རྣམ་པའི་དགའ་བསུ་ཆེན་པོ་ཐོབ་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎