དགེ་འདུན་པ་གསུམ་འཛིན་བཟུང༌།
2008.07.18

པར་དབང་ཨེ་ཨེཕ་པི།
༄༅༎ཕྱི་ཟླ་དྲུག་པའི་ནང་བོད་ཤར་ཕྱོགས་མདོ་ཁམས་དཀར་མཛེས་ཁུལ་དུ་དགེ་འདུན་པ་གསུམ་ནས་དཀར་མཛེས་ཁྲོམ་གཞུང་དུ་བོད་ཀྱི་རྒྱལ་དར་གནམ་ལ་འཕྱར་བ་དང་༸གོང་ས་མཆོག་གི་སྐུ་པར་འཁྱེར་ནས་བོད་རང་བཙན་དང་༸གོང་ས་མཆོག་བོད་དུ་གདན་ཞུ་དགོས་པའི་སྐད་འབོད་སྤེལ་སྐབས་ས་གནས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པའི་སྐོར་འབྲེལ་ཡོད་མི་སྣས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྡ་རམ་ས་ལའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་སུ་འགྲེལ་བརྗོད་གནང་བ་ཞིག་གསན་རོགས་གནང༌༎