ཉིན་རྒྱ་དུས་གཅིག་ངོ་རྒོལ།
2012.02.08

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། པདྨ་དངོས་གྲུབ།
༄༅༎ཕྱི་ཟླ་༢ཚེས་༨རེས་གཟའ་ལྷག་པ་སྟེ་ལྷག་དཀར་གྱི་ཉིན་མོར་ཉིན་རྒྱ་དུས་གཅིག་ཏུ་འཛམ་གླིང་གི་ས་ཕྱོགས་གང་སར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་རྒྱ་གཞུང་གི་བོད་ནང་དྲག་གནོན་ལ་ངོ་རྒོལ་དང་།བོད་ནང་མྱོང་བཞིན་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པའི་གནས་ཚུལ་ཐོན་བཞིན་ཡོད་པ་ལྟར་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སུའང་བོད་མི་རྣམས་ནས་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་མཆོད་འབུལ་སྨོན་རྒྱ་ཆེ་གནང་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎