ཁམས་འབའ་ཐང་རྫོང་དུ་ངོ་རྒོལ།

བོད་ཁམས་འབའ་ཐང་རྫོང་ངུ་སློབ་ཕྲུག་གཉིས་ཀྱིས་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པའི་གནས་ཚུལ།

2011.03.31
ཁམས་འབའ་ཐང་རྫོང་དུ་ཞི་བའི་ངོ་རྒོལ་གྱི་ལས་འགུལ། བོད་ཁམས་འབའ་ཐང་།
བོད་ནས་བཏང་་བའི་འདྲ་པར།

བོད་ནས་ཁུངས་ལྡན་གྱི་གནས་ཚུལ་བཏང་པ་ལྟར་ན། ཟླ་འདི་ཡི་གསུམ་བཅུ་དུས་དྲན་གྱི་ཉིན་ཁམས་འབའ་ཐང་རྫོང་གི་གྲོང་ཁྱེར་ནང༌། སློབ་ཕྲུག་གཉིས་ཀྱིས་བོད་ལ་རང་དབང་དང་རང་བཙན་དགོས་པ་དང་།རྒྱལ་བ་རིན་པོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཟེར་ནས་སྐད་འབོད་རྒྱག་བཞིན་པའི་སྐབས། དུས་ཡུན་སྐར་མ་བཅུ་མཚམས་སུ་ཉེན་རྟོག་མི་སྣས་འཇུ་བཟུང་བྱས་རྗེས། དེ་མ་ཉིད་ནས་དྲག་ཆས་སྤྲས་པའི་དམག་མི་འབོར་ཆེན་བཀྲམ་སྟེ་ལམ་གྱི་གསུམ་མདོ་ཡོད་ཚད་བཀག་ཡོད་འདུག

།དེའི་རྗེས་ཟླ་འདིའི་ཕྱི་ཚེས་ཉི་ཤུ་རྩ་གཅིག་གི་ཉིན། འབའ་ཆོས་སྡེ་དགོན་དུ་བྱམས་པ་གདན་འདྲེན་ཞུ་བའི་ཉིན། ༸གོང་ས་མཆོག་གི་སྐུ་པར་ཆེན་པོ་གདུགས་འོག་ནས་དུང་རྒྱ་གླིང་གི་སྣེ་བསུ་ནས་རྫོང་གྲོང་ཁྱེར་ནང་གདན་འདྲེན་ཞུས་ནས་འགྲོ་དུས་ཉེན་རྟོག་པས་བཀག་འགོག་བྱས་པར་བརྟེན། གྲ་བ་དང་ཉེན་རྟོག་པའི་བར་འཁྲུག་འཛིན་ཆེན་པོ་ཤོར་འདུག །ད་ལྟའི་ཆར་འབའ་ཐང་རྫོང་གྲོང་ཁྱེར་དང་འབའ་ཆོས་སྡེ་དགོན་པ་གཉིས་ཀ་དྲག་ཆས་དམག་མི་ཡིས་ལྟ་བསྲུང་འོག་ན་གནས་ཡོད་འདུག་ །ད་སྐབས་འབའ་ཐང་ན་ཁ་པར་སོགས་གཏན་འགོག་བྱས་ཡོད་པ་བརྟེན། སྐད་འབོད་བྱེད་མཁན་སུ་ཡིན་མིན་དང་། གྲ་བ་དང་ཉེན་རྟོག་པ་བར་འཁྲུག་འཛིན་སྐབས་རྨས་སྐྱོན་དང་འཛིན་བཟུང་གི་གནས་ཚུལ་གསལ་ཁ་གང་ཡང་ཤེས་རྟོགས་ཐུབ་མེད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎