བོད་དོན་རྒྱབ་སྐྱོར་བ་འཛིན་བཟུང༌།
2009.03.16

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཀླུ་འབུམ་བཀྲ་ཤིས།
༄༅༎ཕྱི་ཟླ་གསུམ་པའི་ཚེས་བཅུ་བཞིའི་ཉིན་བལ་ཡུལ་གྱི་རྒྱལ་ས་ཀཋ་མཎ་ཌུའི་ནང་གི་རྒྱ་ནག་གཞུང་ཚབ་ཀྱི་མདུན་དུ་བོད་དོན་རྒྱབ་སྐྱོར་བ་ཕྱི་རྒྱལ་མི་སྣ་གསུམ་ནས་བོད་དོན་ཆེད་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བར་བརྟེན་བལ་ཡུལ་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས་ཞུ༎