བོད་ཐོག་འཛིན་པའི་སྲིད་ཇུས།
2011.01.26

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསོད་ནམས་དབང་འདུས།
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎ཕྱི་ཟླ་༡ཚེས་༢༥རེས་གཟའ་མིག་དམར་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་དུ་འཚེ་མེད་ཞི་བའི་ཐབས་ལམ་ཞེས་པའི་གོ་སྒྲིག་འོག་རྒྱ་གར་གྱི་གཞུང་ཚབ་ཟུར་པ་ཁག་ཅིག་དང༌།དམག་དཔོན་ཟུར་པ།དེ་བཞིན་གསར་འགོད་པ་བགྲེས་པ་ཁག་ཅིག་གི་ལྷན་ཚོགས་ཤིག་གི་ཐོག་རྒྱ་གར་གཞུང་ནས་བཙན་བྱོལ་བོད་གཞུང་ལ་ངོས་འཛིན་དགོས་པ་སོགས་ཀྱི་བརྒྱུད་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་དགོས་པ་སོགས་ཀྱི་དགོངས་འཆར་བཏོན་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དཀར་མཛེས་བ་བསོད་ནམས་དབང་འདུས་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎