བལ་ཡུལ་ནང་གི་བོད་མི་ཚོས་རྒྱ་ནག་ལ་ངོ་རྒོལ་མུ་མཐུད་སྤེལ་བ།

འབར་མ་དང་རྒྱ་ནག་ནང་མི་མང་པོར་གོད་ཆགས་ཕོག་པར་བརྟེན་ངོ་རྒོལ་གནས་སྐབས་ཤིག་མཚམས་འཇོག་བྱས་པ།

2008.05.14
བལ་ཡུལ་ཉེན་རྟོག་པས་དམ་བསྒྲགས་ལ་མ་ལྟོས་པར་བོད་མི་ཚོས་ངོ་རྒོལ་མུ་མཐུད་སྤེལ་བཞིན་པ།
གསར་འགོད་པ་ཀླུ་འབུམ་བཀྲ་ཤིས།

༄༅༎འདི་ལོའི་ཕྱི་ཟླ་གསུམ་པ་ནས་བཟུང་བོད་ཀྱི་ས་ཁྱོན་ཡོངས་སུ་རྫོགས་པའི་ནང་བོད་མི་རྣམས་ནས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་སྤེལ་བར་རྒྱ་ནག་གཞུང་གི་དྲན་གནོན་ཤུགས་ཆེ་བྱས་པའི་འོག་བོད་མི་བརྒྱ་ཕྲག་མང་པོ་དམར་གསོད་དང༌། བཙོན་འཇུག་བྱས་པར་བརྟེན་འཛམ་གླིང་གི་ས་ཕྱོགས་གང་སར་བཙན་བྱོལ་བོད་མིས་གདུང་སེམས་མཉམ་སྐྱེད་མཚོན་པའི་ཆེད་དུ་ཞི་བའི་ངོ་རྒོལ་སྤེལ་མུས་ཡིན་ཞིང༌། བལ་ཡུལ་ནང་བཅའ་སྡོད་བོད་མི་ཚོས་ས་གནས་ཉེན་རྟོག་པས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པར་མ་ལྟོས་པར་ཞི་བའི་ངོ་རྒོལ་མུ་མཐུད་སྤེལ་བཞིན་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས་ཞུ༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎