གནས་རྡོ་བཀྲ་ཤིས་ཆོས་གླིང་།
2009.06.09

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཀླུ་འབུམ་བཀྲ་ཤིས
༄༅༎ཕྱི་ཟླ་དྲུག་པའི་ཚེས་བདུན་རེས་གཟའ་ཟླ་བའི་ཉིན་བལ་ཡུལ་དུ་ཀརྨ་བཀའ་བརྒྱུད་ཀྱི་གནས་རྡོ་བཀྲ་ཤིས་ཆོས་གླིང་གསར་བཞེངས་ལེགས་གྲུབ་ཟིན་ཏེ་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་སུ་ཇ་ཏ་ཀོཡི་ར་ལ་མཆོག་ནས་དབུ་འབྱེད་གནང་ཞིང་།མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱལ་དབང་ཀརྨ་པ་མཆོག་གི་འཚམས་འཕྲིན་སྒྲོག་སྦྱང་གནང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོ་པ་ཐུབ་བསྟན་སངས་རྒྱས་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎