སྒོ་མང་ས་ཁུལ་དུ་དགའ་སྟོན།
2010.02.22

ལྷ་ས་ནས།
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་སྦ་མ་རྣམ་གཉིས་ཨ་རིའི་ཕོ་བྲང་དཀར་པོའི་ནང་དངོས་སུ་མཇལ་འཕྲད་གནང་བ་དང༌།ཨ་རིའི་དམངས་གཙོ་འཐེབ་རྩ་ཁང་གིས་༸གོང་ས་མཆོག་ལ་དམངས་གཙོའི་མཛད་རྗེས་ཀྱི་གཟེངས་རྟགས་ཕུལ་བའི་གནས་ཚུལ་ཐོན་པའི་རྗེས།བོད་ཀྱི་ས་ཁུལ་མང་པོའི་ནང་དགའ་སྟོན་གྱི་རྣམ་པ་མང་པོ་བསྟན་པ་བཞིན།བོད་ཀྱི་ཨ་མདོ་སྒོ་མང་ས་ཁུལ་དུ་བོད་མི་བརྒྱ་ཕྲག་མང་པོས་ཕྱི་ཚེས་བཅོ་བརྒྱད་ཀྱི་ཉིན་དགའ་སྟོན་གྱི་རྣམ་པ་ཤུགས་ཆེན་བསྟན་ཡོད་པའི་སྐོར།འབྲེལ་ཡོད་མི་སྣ་ཞིག་གིས་འདི་གའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས༎