བོད་ཀྱི་མཐོ་སློབ་དབུ་འབྱེད།
2009.02.17

བཙན་བྱོལ་བོད་གཞུང་གི་དྲ་གནས།
༄༅༎ཕྱི་ཟླ་གཉིས་པའི་ཚེས་བཅུ་དྲུག་རེས་གཟའ་ཟླ་བའི་ཉིན་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་ཁུལ་གྱི་བོད་ཕྲུག་ཁྱིམ་སྡེའི་མཐོ་རིམ་སློབ་གྲྭར་རབ་གནས་དང་དབུ་འབྱེད་ཀྱི་མཛད་སྒོ་གནང་བ་དང་མཐོ་སློབ་ཀྱི་དགེ་ལས་སློབ་གཉེར་བ་རྣམས་ལ་བཀའ་སློབ་བཀའ་དྲིན་ཆེ་གནང་མཛད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས་ཞུ༎