རྒྱ་གར་དུ་བོད་རིཊ་སློབ་ཕྲུག་ཁག་ནས་ལས་འགུལ།
2008.05.21
༄༅༎ད་ལོ་དབྱིན་ཟླ་༣་པའི་ཚེས་༡༠ནས་བཟུང་བོད་ནང་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་རབ་དང་རིམ་བཞིན་བྱས་པར་རྒྱ་ནག་གཞུང་གིས་དྲག་གནོན་དང་འཛིན་བཟུང་བཙོན་བཅུག་བྱས་དང་བྱེད་བཞིན་ཡོད་པར་བརྟེན་རྒྱ་གར་རྒྱལ་ཡོངས་མཐོ་རིམ་ཁག་ནང་ཡོད་པའི་བོད་རིགས་་སློབ་ཕྲུག་རྣམས་ནས་མ་སྐུལ་དང་བླངས་གི་ཐོག་ནས་ཟླ་བ་འདིའི་ཚེས་ཉེར་གཅིག་ནས་བཟུང་དབྱིན་ཟླ་དྲུག་པའི་ཚེས་གཉིས་བར་ཉི་མ་བཅུ་སུམ་རིང་ཐོག་མ་ཚད་མེད་ཞི་བའི་སྔོན་འགྲོ་ནས་སྒོ་འཛུགས་བོད་ནང་གི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཆེད་དུ་ལས་འགུལ་རིམ་བཞིན་སྤེལ་འཆར་ཡོད་པ་དང༌། ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་ནི་རྒྱལ་ཁབ་ཚང་མའི་གཞུང་ཚབ་ཁང་ལ་བཅར་ནས་བོད་ཀྱི་གནད་དོན་སེལ་ཐབས་ཆེད་དུ་རྒྱ་ནག་གཞུང་ལ་རྒྱུ་མཚན་དང་ལྡན་པ་ཞིག་དང་དྲང་བདེན་གྱི་ཐོག་ནས་ཐག་གཅོད་བྱ་དགོས་པའི་གནོན་ཤུཊ་གནང་དགོས་པ་ཞུ་རྒྱུ་ཡིན་པའི་སྐོར་ལོ་བྷི་ཡིས་གནས་ཚུལ་ཕྱོགས་སྒྲིག་བྱས་པར་གསན་རོགས་གནང༌༎