རེབ་གོང་སློབ་མའི་ཞི་རྒོལ།

འཛིན་རིམ་མང་པོའི་སློབ་དེབ་མང་པོ་རྒྱ་ཡིག་ནང་བསྒྱུར་བར་སློབ་མ་ཚོས་བོད་ཡིག་ཏུ་སླར་གསོ་དགོས་པའི་རེ་འདུན་བཏོན།

2012.03.14
ཨ་མདོ་རེབ་གོང་རྩེ་ཁོང་རྫོང་ནས་སློབ་འབྲིང་གི་སློབ་ཕྲུག་སྟོང་བཞི་ལ་ཉེ་བས་ཡར་ལངས་སྐད་འབོད་གནང་བཞིན་པ།
བོད་ནས་འབྱོར་བ།

༄༅༎དེ་རིང་ཕྱི་ཟླ་༣ཚེས་༡༤ཉིན་བོད་ཨ་མདོ་རེབ་གོང་རྩེ་ཁོང་རྫོང་ནས་སློབ་འབྲིང་གི་སློབ་ཕྲུག་སྟོང་བཞི་ལ་ཉེ་བས་ཡར་ལངས་སྐད་འབོད་གནང་བའི་གནས་ཚུལ་འདི་ག་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་སོང༌།མང་ཚོགས་ཀྱིས་སྐད་འབོད་གནང་སྐབས་མི་རིགས་འདྲ་མཉམ་དང༌།སྐད་ཡིག་རང་དབང་དགོས་ཅེས་འབོད་ཚིག་བསྒྲགས་ཡོད་པ་རེད།ལ་དེ་བཞིན་༣/༡༤ཉིན་མདོ་སྨད་རྐང་ཚའམ་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་རྐང་ཚ་རྫོང་གི་མི་རིགས་སློབ་འབྲིང་གི་སློབ་མ་བརྒྱ་ལ་ཉེ་བ་ཙམ་གྱིས༼རང་ས་རང་བདག སྐད་རིགས་འདྲ་མཉམ༽ཞེས་པའི་ སྐད་བརྒྱ་ཆེན་བྱས་ཡོད་འདུག་གནས་སྐབས་སུ་སློབ་མར་གཅར་རྡུང་དང་འཛིན་བཟུང་བྱས་མེད་ཀྱང་ད་ལྟ་དཔོན་རིགས་ཁག་གིས་སློབ་མ་རྣམས་ལ་སློབ་གསོ་སྤྲོད་པའི་སྒང་དུ་ཡོད་འདུག
དེའི་སྔོན་ཙམ་དེར་རེབ་གོང་རྫོང་གི་མི་རིགས་སློབ་འབྲིང་དུ་དེ་མཚུངས་ཀྱི་ངོ་རྒོལ་བྱས་པ་དང༌། དེ་ཡང་སློབ་གྲྭ་རྣམས་དགུན་དུས་དགུང་གསེང་རྫོགས་ནས་ཚུར་སློབ་གྲྭ་འཛོམས་སྐབས་ འཛིན་རིམ་མང་པོ་ཞིག་གི་སློབ་དེབ་ཀྱི་སློབ་ཚན་ཆབ་སྲིད་དང༌།ཨང་རྩིས།རྫས་འགྱུར་སོགས་སློབ་ཚན་རྒྱ་ཡིག་ནང་བསྒྱུར་ནས་སྤྲད་སྟབས།སློབ་མ་ཚོས་སློབ་ཚན་དེ་དག་སྔ་བཞིན་བོད་ཡིག་ནང་བསླབ་དགོས་པའི་དགུན་འདུན་སྟོན་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎