ཀིརྟིའི་གྲྭ་ཤག་ནང་རྒྱལ་གཅེས་ཆོས་གཅེས།
2011.04.18

བོད་ནས་འབྱོར་བ།
༄༅༎བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་ནང་རྒྱ་མིའི་ལས་བྱེད་པ་དང་དམག་མི་བཟུང་འབྲེལ་གྱི་ཐོག་ནས་དྲག་ཤུགས་ཆེན་པོས་དགེ་འདུན་པ་རེ་རེའི་གྲྭ་ཤག་ནང་ཕྱིན་ནས་རྒྱལ་གཅེས་ཆོས་གཅེས་སློབ་གསོའི་ལས་འགུལ་སྤེལ་བཞིན་ཡོད་པ་ན་ཟད།དགོན་པའི་ནང་བཟའ་བཅའ་དང་དགེ་འདུན་པའི་རྒྱུན་ལྡན་སྨན་བཅོས་འཕྲོད་བསྟེན་ཐད་སྐུ་ངལ་ཆེན་པོ་འཕྲད་བཞིན་ཡོད་པའི་སྐོར་རིག་ལྡན་སྒྲོལ་མ་ལགས་ཀྱིས་ཀིརྟི་དགོན་པའི་བོད་གནས་འབྲེལ་མཐུད་པ་སྐུ་ཞབས་ཚེ་རིང་ལགས་སུ་གནས་འདྲི་ཞུས་པར་གསན་རོགས༎