བཀའ་སྤྱིའི་དངོས་གཞི་འོས་བསྡུ་ཚགས་ཚུད་ཡོང་ཐབས།
2010.10.26

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། འཇིགས་མེད་སྙན་གྲགས།
![]() |
ལེ་ཚན་ལ་གསན་རོགས། |
༄༅༎དེ་རིང་གི་གཏམ་གླེང་གི་ཞལ་པར་ཞེས་པའི་ལེ་ཚན་ནང་དུ། སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་སྐབས་བཅོ་ལྔ་པའི་སྔོན་འགྲོ་འོས་བསྡུའི་ཉམས་མྱོང་ལ་གཞི་བཞག་ནས། དངོས་གཞིའི་འོས་བསྡུ་སྐབས་ཚགས་ཚུད་དང་ལེགས་གྲུབ་ཡོངས་ཐབས་སོགས་སྐོར། བཞུགས་སྒར་རྡ་རམ་ས་ལའི་ཉེ་འགྲམ་བཀྲིས་ལྗོངས་གཞིས་ཆགས་ཀྱི་ས་གནས་འོས་བསྡུ་འགན་འཛིན་རྒན་ཡེ་ཤེས་ཆོས་རྒྱལ་དང་། བལ་ཡུལ་ས་གནས་རང་བཙན་ཚོགས་ཆུང་གི་ཚོགས་གཙོ་དང་། བལ་ཡུལ་ས་གནས་འོས་བསྡུ་འགན་འཛིན་ཟུར་པ་གླིང་ཚང་ཚེ་རིང་དར་རྒྱས་དང༌། དེ་བཞིན་འོས་བསྡུ་ལ་དོ་སྣང་ཆེན་པོ་གནང་མཁན་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་གྱི་སློབ་གཉེར་བ་བྱང་པོ་ཆོས་འགྲུབ་བཅས་གསུམ་ལ་རྡོ་རྗེ་དགྲ་ལགས་ཀྱིས་བཀའ་འདྲི་ཞུས་པར་གསན་རོགས༎