བོད་མིའི་འོས་བསྡུར་བཀག་སྡོམ།
2011.03.22

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཀླུ་འབུམ་བཀྲ་ཤིས།
༄༅༎ཕྱི་ཟླ་༣ཚེས་༢༠་རེས་གཟའ་ཉི་མའི་ཉིན་བལ་ཡུལ་གཞུང་གིས་བོད་མི་ཚོར་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་སྤེལ་རྒྱུའི་ཆོག་མཆན་སྤྲད་མེད་ཐོག་བོད་མི་གནས་སྡོད་བྱེད་ཡུལ་གང་སར་དམག་མི་བཀྲམ་ནས་དམ་བསྒྲགས་ཆེན་པོ་བྱས་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ཀྱིས་གནས་ཚུལ་ཕྱོགས་བསྡུས་ཞུས་པར་གསན་རོགས༎