རྒྱ་ནག་གི་སྲིད་འཛིན་རྒྱ་གར་དུ་ཕེབས་རྒྱུ།
2014.09.11
༄༅། །ཐེངས་འདིའི་ལྷོ་ཨེ་ཤེ་ཡའི་ལེ་ཚན་ནང་། རྒྱ་ནག་གི་སྲིད་འཛིན་Xi Jinping ཕྱི་ཚེས་༡༧ཉིན་རྒྱ་གར་ནང་རྒྱལ་དོན་གཟིགས་སྐོར་ལ་ཕེབས་ཀྱི་ཡོད་པ་རེད། དེའི་སྐོར་བློ་བཟང་ཡེ་ཤེས་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་དེ་གསན་རོགས་གནང་།
ཡང་བོད་དང་རྒྱལ་སྤྱིའི་གནས་བབ་ཞེས་པའི་ལེ་ཚན་ནང་། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིན་རྒྱ་གར་ནང་མཚམས་གཟིགས་དང་སྟབས་བསྟུན་གྱིས་ ཡུལ་གཉིས་ཀྱི་འབྲེལ་ལམ་དང་བོད་དོན་སྐོར་དྷ་རམ་ས་ལ་ནས་བོད་དོན་དོན་གཉེར་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་དང་ལས་རིམ་གཙོ་སྐྱོང་བ་ཀརྨ་རྒྱ་མཚོ་ལགས་དབར་ཐད་ཀར་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།།