ཞི་ཅིན་ཕིང་གི་མངོན་འདོད་དང་འདུན་པ།
2022.10.24
འཛམ་གླིང་ནང་དོ་སྣང་ཆེན་པོ་བྱེད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ ༢༠ ཚོགས་ཡོད་ཅིང་། ཞི་ཅིན་ཕིང་གི་གཏམ་བཤད་ཀྱི་འབྲུ་དོན་ལ་དོ་སྣང་ཆེན་པོ་བྱེད་ཡོད་པ་རེད། འདས་པའི་ལོ་ངོ་བཅུའི་རིང་ཞི་ཅིན་ཕིང་གིས་རྒྱ་ནག་འདི་གཅིག་སྡུད་དབང་འཛིན་གྱི་ཁ་ཕྱོགས་སུ་སྐུལ་དེད་བཏང་སྟེ་དམར་ཤོག་གཙོ་འཛིན་མའོ་ཙེ་ཏུང་གི་རྗེས་སུ་རྒྱ་ནག་གི་ནང་དབང་ཆ་ཆེ་ཤོས་འཛིན་མཁན་གྱི་འགོ་ཁྲིད་དུ་གྱུར་བཞིན་ཡོད་པ་རེད། ཐེངས་འདིའི་བདུན་རེའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་།
རྒྱ་ནག་གིས་འཛམ་གླིང་ས་བབ་ཆབ་སྲིད་ཀྱི་གནས་བབ་ལ་ཁ་བསྒྱུར་བྱེད་བཞིན་པའི་སྐབས་སུ། ཞི་ཅིན་ཕིང་གིས་རྒྱ་ནག་འཛིན་སྐྱོང་གི་ལམ་ལུགས་ལ་བསྒྱུར་བ་ཇི་བཏང་དང་། ཞི་ཅིན་ཕིང་གི་མངོན་འདོད་དང་འདུན་པ་བཅས་ཀྱི་ཐད་བཀྲིས་དབང་ཕྱུག་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་ཀྱི་དབར་དཔྱད་གཞིའི་གླེང་མོལ་ཞུས་པ་འདི་གསན་རོགས་གནང་།