རྒྱ་ནག་ནང་སློབ་ཕྲུག་གི་ངོ་རྒོལ་དང་གཞུང་ནས་སྲིད་བྱུས་ཇེ་ལྷུག་གཏོང་དགོས་བྱུང་བ།
ཉེ་ལམ་རྒྱ་ནག་ནང་མཐོ་རིམ་སློབ་གྲྭའི་སློབ་མ་ཚོས་སྣེ་ཁྲིད་ཀྱིས་རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་ཡམས་བཀག་བསྡོམས་ཀྱི་དམ་དྲག་ལ་བརྟེན་ནས་མི་དམངས་ཚོར་འགྲོ་འདུག་སྤྱོད་གསུམ་ལ་དཀའ་ངལ་ཕྲད་བཞིན་པར་འུ་ཐུག་ཐབས་ཟད་ཀྱིས་གཞི་རྒྱ་ཆེ་བའི་རྒྱ་ནག་དམག་ཤོར་གཞུང་ལ་ངོ་རྒོལ་བྱས་ཡོད་པ་རེད། དེ་རིང་གཟའ་ལྷག་པ་ཉིན་རྒྱ་ནག་གཞུང་གིས་ཕྱི་བསྒྲགས་ཤིག་སྤེལ་བའི་ནང་རྒྱ་ནག་ནང་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་ཡམས་བཀག་བསྡོམས་ཀྱི་སྲིད་ཇུས་ད་ཆ་ལྷུག་ཏུ་གཏོང་གི་ཡོད་པ་བརྗོད་ཡོད། གནད་དོན་དབྱེ་ཞིབ་པ་ཚོས་ད་ཐེངས་གཞི་རྒྱ་ཆེ་བའི་ངོ་རྒོལ་རྗེས་སུ་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་ཀླད་སྐོར་གྱི་དམ་དྲག་སྲིད་ཇུས་ལ་འགྱུར་བ་བཏང་བ་དེ་བཞིན་རྒྱ་ནག་གི་ངོ་རྒོལ་བྱེད་མཁན་ཚོར་རྒྱལ་ཁ་ཐོབ་པ་ཞིག་ངོས་འཛིན་བྱེད་མཁན་ཡོད་པ་རེད། དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་ཉེ་ལམ་རྒྱ་ནག་ནང་མི་དམངས་ཀྱི་ངོ་རྒོལ་སྐད་འབོད་ཀྱི་དགོས་འདུན་གཙོ་བོ་ཁག་དང་རྒྱ་གཞུང་ལ་ཆབ་སྲིད་ཀྱི་བརྡ་ལེན་ཇི་སྤྲོད་ཡོད་མེད། རྒྱ་གཞུང་གིས་མི་དམངས་ཀྱི་མངོན་འདོད་བསྒྲུབ་རྒྱུར་ཆབ་སྲིད་ཀྱི་མདུན་པ་ཇི་ཙམ་ཡོད་མེད་ཀྱི་སྐོར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་རྒྱ་ནག་གི་ཉམས་ཞིབ་པ་རིན་ཆེན་བཀྲ་ཤིས་ལགས་དང་བོད་ཀྱི་གཞོན་ལྷན་ཚོགས་ཀྱི་དབུས་རྒྱུས་ཟུར་པ་བཀྲིས་ལམ་བཟང་རྣམ་པ་གཉིས་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་གླེང་མོལ་བྱས་པ་གསན་རོགས་ཞུ།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།