རྒྱ་ནག་གི་དཔལ་འབྱོར་གནས་སྟངས་དང་དེས་བོད་དང་རྒྱལ་སྤྱིའི་ནང་ཤུགས་རྐྱེན།
རྒྱ་ནག་ནང་གཞོན་སྐྱེས་རྣམས་ལ་ལས་ཀ་མ་རག་པའི་དཀའ་ངལ་དང་། མ་རྐང་ཚོང་ལས་ཁང་གིས་དངུལ་བུན་སྤྲོད་མ་ཐུབ་པ་དང་། ས་ཁང་ཚོང་གཉེར་མ་རྩ་རྡིབ་པ། ཁང་པའི་རིན་གོང་མར་ཆག་པ། མི་མང་གིས་དངོས་ཟོག་ཉོ་ཚོང་བྱེད་འདོད་མེད་པ་སོགས་ཀྱི་གནས་ཚུལ་ཐོན་གྱི་ཡོད་པའི་ཁར། ཨ་རིས་རྒྱ་ནག་ལ་འཕྲུལ་རིག་ལག་རྩལ་ཕྱིར་ཚོང་ཐད་དམ་དྲག་དང་རྒྱ་ནག་ནང་གི་ཕྱི་རྒྱལ་གྱི་ཚོང་ལས་ཁང་མང་པོ་ཕྱིར་འཐེན། དེ་བཞིན་རྒྱ་ནག་ནང་མུ་མཐུད་དུ་ལྐོག་ཟ་རུལ་སུངས་གནས་བབ་སོགས་ལ་བརྟེན་ནས་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པའི་གནས་ཚུལ་ཐོན་གྱི་ཡོད་པ་ལྟར། དེ་རིང་ཁ་བའི་གྲོས་རྭའི་ལེ་ཚན་ནང་། རྒྱ་ནག་གི་དཔལ་འབྱོར་གནས་སྟངས་དངོས་ཡོད་ཅི་ཆགས་དང་། རྒྱལ་སྤྱི་ལ་འབྲེལ་བ་གང་ཡོད་པ། དེས་ཤུགས་རྐྱེན་གང་འདྲ་ཐེབས་དང་ཐེབས་ཉེན་ཡོད་པ། ལྷག་པར་བོད་ཀྱི་དཔལ་འབྱོར་ལ་ཤུགས་རྐྱེན་གང་ཐེབས་དང་ཐེབས་སྲིད་པ་སྐོར་ནས་Oxford གཙུག་ལག་སློབ་གྲྭའི་ཁོངས་སུ་ཆེད་ལས་དངུལ་རྩིས་ཀྱི་ལས་གཉེར་བ་ཕུན་ཚོགས་དོན་གྲུབ་ལགས་དང་། ཨ་རིའི་ California མངའ་སྡེའི་ནང་དངུལ་རྩིས་དང་དངུལ་ཁང་ལས་དོན་གྱི་འཛིན་སྐྱོང་ལས་དོན་སྐོར་ཕྱག་ལས་གནང་མཁན་རྟའུ་བསྟན་འཛིན་དམ་ཆོས་ལགས་གཉིས་ལ་ཆོས་སྐྱིད་ཀྱིས་གླེང་མོལ་བྱས་པར་གསན་རོགས་ཞུ།
གསར་འགོད་པ། ཆོས་སྐྱིད།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།