རྒྱ་གར་གྱིས་རྒྱ་ནག་གི་ལག་ཐོག་ཁ་པར་གྱི་གཉེན་ཆས་བཀག་སྡོམ་བྱས་པ་དེས་རྒྱ་ནག་ལ་གྱོང་གུད་ཇི་ཐབས་ཡོད་པ།
2020.09.10
མི་རབས་གསར་པའི་ལེ་ཚན་ནང་། རྒྱ་གར་གཞུང་གིས་རྒྱ་ནག་ནས་བཟོས་པའི་ལག་ཐོག་ཁ་པར་གྱི་གཉེན་ཆས་བརྒྱ་ཕྲག་ལྷག་རྒྱ་གར་ནང་བེད་སྤྱོད་བཀག་བསྡོམ་བྱེད་དགོས་པའི་རྒྱུ་མཚན་དང་དེ་དག་གི་རྒྱ་ནག་ལ་གྱོང་གུད་ཀྱི་དོ་ཕོགས་ཇི་ཐེབས་སོགས་ཀྱི་སྐོར། བོད་དོན་ལས་འགུལ་ལྟེ་གནས་ཁང་གི་འགན་འཛིན་བློ་བཟང་རྒྱ་མཚོ་ལགས་སུ་འདི་གའི་ལས་བྱེད་དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་གནས་འདྲི་ཞུས་པར་གསན་རོགས་གནང་།།