རྒྱ་གར་དང་རྒྱ་ནག་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་བོད།
2018.05.03

༄༅༎དེ་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་རྒྱ་གར་གྱི་སྲིད་བློན་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་རྒྱ་ནག་གི་འུ་ཧན་གྲོང་ཁྱེར་ལ་མཇལ་འཕྲད་གནང་སྟེ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དང་དཔལ་འབྱོར། མཉམ་རུབ་ཐོག་ལས་དོན་སྤེལ་ཕྱོགས་སོགས་ཀྱི་སྐོར་ལ་བཀའ་མོལ་གནང་ཡོད་པས། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་ཐད་བོད་འདི་གནད་འགག་ཇི་བྱུང་དང་ཡུལ་གཉིས་ཀྱི་མ་འོངས་འབྲེལ་ལམ་སོགས་ཀྱི་སྐོར་ལ་སྒྲོལ་དཀར་ལགས་ཀྱིས་བཀའ་མོལ་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ་སྒྲོལ་དཀར།