ཕྱི་རྒྱལ་གྱི་གསར་འགོད་པ་ཁག་ཅིག་བོད་ནང་སྐོར་བསྐྱོད།
2024.05.29
ཉེ་དུས་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་འགོད་པ་ཁག་ཅིག་བོད་ནང་སྐོར་བསྐྱོད་ཆེད་གོ་སྒྲིག་བྱས་པ་ལྟར་རྒྱ་གར་གྱི་Deccan Herald ཞེས་པའི་ཚགས་པར་ནང་བོད་ནས་ཤིས་ཙང་ལ་མིང་འགྱུར་བྱས་པ་དེ་ནི་རྒྱ་ནག་གི་ཐབས་ཇུས་ཅེས་འགོ་བརྫོད་དུ་འཁོད་པའི་རྩོམ་བྲིས་སྤེལ་བ་དེའི་ནང་། རྒྱ་ནག་གཞུང་གིས་བོད་སྐོར་གྱི་འདོད་ཚུལ་ཁག་བསྐྱར་ཟློས་ཡང་ཟློས་བྱས་འདུག དེའི་སྐོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་བསྟན་འཛིན་ལེགས་བཤད་ལགས་ལ་སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་གནས་འདྲི་ཞུས་ནས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་དང་། ཆོས་སྐྱིད་ལགས་ཀྱིས་ཕྱོགས་སྒྲིག་ཞུས་པའི་གནས་ཚུལ་བཅས་གསན་རོགས་གནང་།
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ། ཆོས་སྐྱིད།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།