རྒྱ་ནག་གཞུང་གིས་རྒྱལ་གཅེས་སློབ་གསོའི་ཁྲིམས་ཡིག

2023.11.20
རྒྱ་ནག་གཞུང་གིས་རྒྱལ་གཅེས་སློབ་གསོའི་ཁྲིམས་ཡིག བོད་ནང་གི་སློབ་གྲྭ་ཞིག་གི་འཛིན་གྲྭའི་ནང་གི་རྣམ་པ།
AFP

རྒྱ་ནག་གཞུང་གིས་རྒྱལ་གཅེས་སློབ་གསོའི་ཁྲིམས་ཡིག་ཅེས་པ་གཏན་འབེབས་བྱས་ཏེ་ ༢༠༢༤ ཟླ་ ༡ ཚེས་ ༡ ནས་བཟུང་རྒྱ་ནག་རྒྱལ་ཡོངས་སུ་རྒྱལ་གཅེས་ཀྱི་སློབ་གསོ་དང་མི་རིགས་དཔལ་ཡོན་གོང་མཐོར་གཏོང་བར་སྐུལ་དེད་བྱ་རྒྱུ་ཡིན་པ་བརྗོད་ཡོད་པ་རེད།  རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་གིས་དབང་ཆ་སྲ་བརྟན་བཟོ་ཐབས་བྱེད་ཅིང་།  རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་དཀའ་ངལ་ཅི་ཆེ་ཕྲད་ཡོད་པ་སེལ་ཐབས།  དམར་ཤོག་ཚོགས་པའི་བརྟན་ལྷིང་གི་གནད་དོན་ལ་གདོང་ལེན་བྱེད་པ་སོགས་མདོར་ན་རྒྱ་ནག་ནང་དུ་མཁར་དབང་གི་མ་རྩ་འཛུགས་རྒྱུ་དང་གཞོན་སྐྱེས་མི་རབས་ཚོའི་ལས་ཤོར་གྱི་དཀའ་ངལ་བཅས་འཕྲད་བཞིན་པའི་སྐབས་འདིར་ཁྲིམས་ཡིག་འདི་ལག་བསྟར་བྱེད་པའི་བརྒྱུད་བོད་མི་དང་ཤར་ཏུར་ཀིསི་ཐན་གྱི་ཡུ་གུར་མི་རིགས་བཅས་གྲངས་ཉུང་མི་རིགས་ལ་འགོག་གནོན་ཇི་ལྟར་བྱེད་སྲིད་མིན་ཐད།  ཐེངས་འདིའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་།  བཀྲིས་དབང་ཕྱུག་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་ཀྱི་དབར་དཔྱད་གཞིའི་གླེང་མོལ་ཞུས་པ་འདི་གསན་རོགས་གནང་།

གསར་འགོད་པ། བཀྲིས་དབང་ཕྱུག བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎