རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་བོད་མི་༦༠༠ལྷག་གིས་འོས་ཤོག་བླུགས་ཡོད་པ།
2014.04.10

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང། བསོད་ནམས་དབང་འདུས།
༄༅༎རྒྱ་གར་རྒྱལ་ཡོངས་སྐབས་༡༦་པའི་གྲོས་ཚོགས་འོག་མའི་འོས་ཤོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་བླུགས་འགོ་བཙུགས་སྐབས། ས་གནས་བོད་མི་མི་གྲངས་༦༠༠་སྐོར་ཞིག་གིས་འོས་ཤོག་བླུགས་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་དཀར་མཛེས་བསོད་ནམས་དབང་འདུས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས༎