བྷོ་ཊི་སྐད་ཡིག་དེ་རྒྱ་གར་གཞུང་འབྲེལ་སྐད་ཡིག་ཏུ་ངོས་འཛིན་འབྱུང་ཐབས་བྱེད་བཞིན་པ།
2023.02.09
མི་རབས་གསར་པའི་ལེ་ཚན་ནང་། རྒྱ་གར་བྱང་ཕྱོགས་སུ་ཆགས་པའི་ལ་དྭགས་ས་གནས་དེ་བཞིན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་བརྒྱད་པའི་འོག་ གདོད་མའི་མི་རིགས་ཀྱི་ས་ཁུལ་དུ་གཞུང་འབྲེལ་ངོས་འཛིན་བྱེད་བཞིན་ཡོད་པ་མ་ཟད། ཡང་རྩ་ཁྲིམས་ཀྱི་དོན་ཚན་བདུན་པའི་འོག་ ལ་དྭགས་དང་ཧི་མ་ལ་རི་རྒྱུད་ས་ཁུལ་གྱི་Bhoti ཞེས་འབོད་པའི་སྐད་ཡིག་དེ་ཡང་གཞུང་འབྲེལ་སྐད་ཡིག་ཏུ་ངོས་འཛིན་འབྱུང་ཐབས་བྱེད་བཞིན་ཡོད་པ་དང་། གལ་ཏེ་ངོས་འཛིན་ཐོབ་ན་དེས་བོད་དང་ལ་དྭགས་དབར་ཆོས་དང་རིག་གཞུང་ཆབ་སྲིད་བཅས་ཀྱི་འབྲེལ་བའི་གནས་བབས་ལ་ཤུགས་རྐྱེན་ཇི་ལྟར་བྱུང་སྲིད་མིན་སྐོར། འདི་གའི་ལས་བྱེད་དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་བོད་དོན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བཙོན་གྲུས་ལགས་སུ་བཅར་འདྲི་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། ཪིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག