དམག་དཔུང་འཕར་མ་ཁྲི་ལྔ་ཙམ་བཀོད་སྒྲིག
2021.07.02
རྒྱ་གར་གྱིས་འདས་པའི་གཟའ་འཁོར་ཁ་ཤས་ཀྱི་དུས་ཡུན་ནང་། རྒྱ་གར་དང་བོད་དབར་གྱི་གནད་འགག་ཆེ་བའི་ས་མཚམས་ས་ཁུལ་ཁག་གསུམ་ལ་རྒྱ་ནག་ཕྱོགས་ནས་བཙན་འཛུལ་གྱི་ཉེན་ཚབས་ལ་གདོང་ལེན་སོགས་ཀྱི་ཆེད་དམག་དཔུང་འཕར་མ་ཁྲི་ལྔ་ཙམ་བཀོད་སྒྲིག་བྱས་འདུག འདིའི་སྐོར་བློ་བཟང་ཡེ་ཤེས་ལགས་ཀྱིས་སྤེལ་བའི་གནས་ཚུལ་ལ་གསན་རོགས་གནང་།