ཨ་རུ་ཎ་ཅཱལ་མངའ་སྡེའི་ལོ་རྒྱུས།
ཉེ་ལམ་རྒྱ་ནག་གཞུང་གིས་རྒྱ་གར་གྱི་མངའ་ཁོངས་སུ་ཡོད་པའི་ཨ་རུ་ཎ་ཅཱལ་མངའ་སྡེའི་ནང་གི་ས་ཁུལ་༣༠ལ་མིང་བཏགས་ཡོད་པའི་གནས་ཚུལ་ཞིག་བྱུང་རྗེས་། རྒྱ་གར་ཙམ་མ་ཟད་ཨ་རི་དང་རྒྱལ་སྤྱིའི་ཁྲོད་ནས་དོ་སྣང་བྱེད་གཞིར་གྱུར་ཡོད་པ་རེད།རྒྱ་དཀར་ནག་གཉིས་བར་གྱི་ས་མཚམས་ཀྱི་རྩོད་རྙོག་དེའི་བྱུང་རྐྱེན་རྟོགས་པར་དེ་སྔོན་འཕགས་བོད་ལོ་རྒྱུས་ལ་གཟིགས་དགོས་པ་ཞིག་རེད།དེ་རིང་ཁ་བའི་གྲོས་ར་ལེ་ཚན་ནང་ད་ལྟའི་ཆ་རྒྱ་གར་གྱི་མངའ་ཁུངས་སུ་ཡོད་པའི་མོན་ཡུལ་གཙོས་པའི་ཨ་རུ་ཎ་ཅཱལ་མངའ་སྡེའི་ནང་གི་ས་ཁུལ་ཁག་རྒྱ་གར་གྱི་ཁོངས་གཏོགས་སུ་ཇི་ལྟར་ཆགས་པ་རེད་དམ།ལོ་རྒྱུས་ནང་ཡོངས་གྲགས་སུ་ཆགས་པའི་སིམ་ལ་ཆིང་ཡིག་དེ་རྒྱ་གར་དབྱིན་གཞུང་དང་རྒྱ་ནག་མི་སེར་རྒྱལ་ཁབ། དེ་བཞིན་བོད་བཅས་དབང་ཚད་འདྲ་མཉམ་གྱི་ཐོག་ནས་ཇི་ལྟར་འཇོག་ཐུབ་ཡོད་མེད་ཀྱི་སྐོར་དང་ལྷག་པར་དུ McMahon Line མཐའ་མཚམས་ས་ཐིགས་ཀྱི་གནད་འགག་སྐོར་དང་དེ་ལ་རྒྱ་ནག་གཞུང་གིས་ངོས་ལེན་མི་བྱེད་པའི་རྒྱུ་མཚན་ཅི་ཡིན་མིན་སོགས་།ཝཱ་ན་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས་དང་།བོད་དོན་འཐབ་རྩོད་པ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་རྣམ་པ་གཉིས་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་བགྲོ་གླེང་བྱས་པ་ཉན་རོགས་ཞུ།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།