མ་འོངས་པར་ཐེ་ཝན་གཞུང་འཛིན་གསར་པས་བོད་མིར་འབྲེལ་བ་གནང་ཕྱོཊ།
2016.01.19

༄༅། །དེ་རིང་ཐེ་ཝན་གྱི་སྲིད་འཛིན་དང་གྲོས་ཚོགས་འཐུས་མིའི་འོས་བསྡུ་སྤེལ་ཡོད་པ་དང། ཐེ་ཝན་གྱི་སྲིད་འཛིན་འོས་བསྡུའི་ནང་ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ལྕམ་ཚཡེ་ཨིང་ཝེན་ལ་འོས་ཤོག་གྲངས་ས་ཡ་དྲུག་ལྷག་ཐོབ་ནས། ཉིས་སྟོང་བཅུ་དྲུག་ལོའི་ཐེ་དབན་གྱི་སྲིད་འཛིན་འོས་བསྡུའི་ནང་རྒྱལ་ཁ་ཐོབ་ཡོད་པ་མ་ཟད། གྲོས་ཚོགས་འཐུས་མིའི་འོས་བསྡུའི་ནང་ལ་ཡང་དམངས་གཙོ་ཡར་ཐོན་ཚོགས་པར་མང་མོས་རྒྱལ་ཁ་ཐོབ་ཡོད་པས། མ་འོངས་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་འབྲེལ་བ་གནང་ཕྱོགས་དང་། དམིགས་བསལ་༧གོང་ས་མཆོག་ཐེ་ཝན་ནང་གནད་ཞུ་གནང་མཁན་ཁྲོད་རྒྱབ་སྐྱོར་ཇི་ལྟར་གནང་མིན་སོགས་ཀྱི་ཐད། སྒྲོལ་དཀར་ལགས་ཀྱིས་འབྲེལ་ཡོད་དང་གླེང་མོལ་ཞུས་པར་གསན་རོགས་ཞུ༎
གསར་འགོད་པ་སྒྲོལ་དཀར།