རྒྱ་གཞུང་གིས་རྒྱ་གར་ལ་འབྲེལ་ལམ་སྡུག་ཏུ་འགྲོ་སྲིད་པའི་ཉེན་བརྡ།
2017.03.16
༄༅། །ཐེངས་འདིའི་བོད་དང་རྒྱལ་སྤྱིའི་གནས་བབས་ཞེས་པའི་ལེ་ཚན་ནང། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་བཞི་པའི་ནང་རྒྱ་གར་བྱང་ཤར་གྱི་མངའ་སྡེ་ ཨ་རུ་ཎ་ཅལ་ནང་ཆིབས་བསྒྱུར་བསྐྱང་གཏན་འཁེལ་བའི་ཐད་རྒྱ་ནག་གཞུང་གིས་སྐྱོན་བརྗོད་དང་སྦྲགས་ཡུལ་གཉིས་ཀྱི་འབྲེལ་ལམ་ཇི་སྡུག་ཏུ་འགྲོ་རྒྱུའི་ཉེན་བརྡ་བཏང་ཡོད་པ་དང་འབྲེལ་བའི་རྒྱབ་ལྗོངས་གནས་ཚུལ་སྐོར། བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་གཙོ་གཞོན་པ་ ཨ་ཅརྱ་ཡེ་ཤེས་ཕུན་ཚོཌ་མཆོག་དང་། སྤྱི་ཟུར་དང་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བློ་བཟང་ཤྭསྟྭི་རི་ལཌ་རྣམ་གཉིས་དང་། ལས་རིམ་གཙོ་སྐྱོང་བ་ཀརྨ་རྒྱ་མཚོ་ལཌ་དབར་གླེང་མོལ་གནང་བར་གསན་རོགས་ཞུ།།
གསར་འགོད་པ་ཀརྨ་རྒྱ་མཚོ།