རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མིའི་བར་འཁྲུག་འཛིང་བྱུང་རྗེས་རྒྱ་གར་ནང་བོད་དོན་སྐོར་གླེང་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད་པ།
2020.06.24

ཉེ་ལམ་ལ་དྭགས་ཁུལ་དུ་རྒྱ་དཀར་ནག་གི་མཐའ་སྲུང་དམག་མི་བར་དྲག་པོའི་གདུང་ཐུག་བྱུང་སྟེ། ཁྱོན་རྒྱ་གར་གྱི་དམག་དཔོན་མཐོ་གྲས་ཤིག་ཚུད་པའི་དམག་མི་༢༠རྐྱེན་ལམ་དུ་ཕྱིན་པ་དང་། རྒྱ་ནག་གི་དམག་མི་ཇི་ཙམ་ཤི་རྨས་བྱུང་བའི་གསལ་ཁ་མེད་ན་ཡང་། དེང་སྐབས་རྒྱ་གར་ནང་གཞུང་དང་མི་དམངས་ཀྱིས་རྒྱ་ནག་ལ་སྡང་ཟུག་ཆེ་བའི་དུས་སྐབས་དང་བསྟུན། བོད་དོན་སྐོར་རྒྱ་གར་གྱི་བརྒྱུད་ལམ་ནང་གླེང་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་དང་ཆབས་གཅིག་རྒྱ་གར་གྱིས་རྒྱ་ནག་ལ་ཡར་ལེན་སྤྲོད་ཆེད་བོད་དོན་དེ་བེད་སྤྱོད་ཅིག་ལ་འགྱུར་སྲིད་མིན། དེ་བཞིན་ད་བར་ལོ་རྒྱུས་ནང་རྒྱ་གར་དང་རྒྱ་ནག་བར་གྱི་ཞི་བདེ་མཉམ་གནས་གྲོས་མཐུན་བྱུང་རིམ་ཁག་ཁ་དན་ཚིག་ལ་གནས་མིན་གྱི་སྐོར་བོད་དོན་འཐབ་རྩོད་པ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་དང་ལྷན་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་བཀའ་མོལ་ཞུས་པར་གསན་རོགས་ཞུ།།