མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཁྱབ་པ་གཞོན་པར་འབྲེལ་ཡོད་ཚན་པས་ཞིབ་བཤེར་བྱེད་བཞིན་པ།
2020.09.15
མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཁྱབ་པ་གཞོན་པ་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་དམར་ཤོག་དྲུང་ཆེ། ཚ་འདམ་གཞུང་དཔལ་འབྱོར་རེས་འཁོར་ཚོད་བལྟ་ཁུལ་དམར་ཤོག་ཚོགས་པའི་དྲུང་ཆེ་ཝིན་ཀོའུ་ཏོང་གིས་རང་ཉེས་ཁས་ལེན་བྱས་ནས་རང་ཞུ་བྱས་ཏེ་ད་ལྟ་འབྲེལ་ཡོད་ཚན་པས་ཞིབ་བཤེར་བྱེད་བཞིན་པ་དང་། རྒྱ་ནག་ཚེ་ཇིང་གསར་ལས་ཁང་གིས་ཝིན་ཀོའུ་ཏོང་སྐྱོན་ལ་ཐོགས་པ་དེ་མུ་རུ་རྡོ་སོལ་གཏེར་ཁའི་གྱོད་དོན་དང་འབྲེལ་བ་ཡོད་ཚུལ་ལུང་དྲངས་ཡོད་པའི་སྐོར་སྟག་ལྷ་རྒྱལ་གྱིས་གནས་ཚུལ་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།