གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་བྱུང་བའི་དྲུག་བཞིའི་དོན་རྐྱེན།

2022.06.04
གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་བྱུང་བའི་དྲུག་བཞིའི་དོན་རྐྱེན། ཕྱི་ལོ ༡༩༨༩ ཟླ ༥པའི་ཚེས ༢༠ཉིན། རྒྱ་ནག་སློབ་ཕྲུག་ཚོས་དྲུག་བཞིའི་དམངས་གཙོའི་ལས་འགུལ་སྤེལ་བཞིན་པའི་འདྲ་པར།
ཨེ་ཨེཕ་པི།

གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཕྱི་ཟླ་ ༦ ཚེས་ ༤ ཉིན་མོ་འདི་ནི་རྒྱ་ནག་ནང་དམངས་གཙོ་འདོད་མཁན་གྱི་མི་མང་ལ་ཉིན་མ་ནག་པོ་ཞིག་ཏུ་ལྟ་བཞིན་ཡོད་ཅིང་། དེ་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱ་མི་དམངས་གཙོ་ལས་འགུལ་བ་སྟོང་འཚོ་མང་པོས་ཟླ་བ་ཁ་ཤས་ངོ་རྒོལ་སྐད་འབོད་བྱས་ཏེ་མཐར་ལས་འགུལ་ཞོལ་འཇགས་སུ་བཏང་ཐུབ་མེད་སྟབས། རྒྱ་ནག་བཅིངས་གྲོལ་དམག་གིས་རྒྱ་མི་ལས་འགུལ་བ་སྟོང་ཕྲག་མང་པོ་དམར་བསད་བཏང་ནས་ལོ་ངོ་ ༣༣ འཁོར་གྱི་ཡོད་པས། དུས་སྐབས་འདི་དང་བོད་ནང་དུ་ ༡༩༨༧ ནས་ལོ་ཤས་རིང་བྱུང་བའི་ལས་འགུལ་ཁག་གི་དབར་མཚུངས་བསྡུར་ཞུས་སླད། སིཔེན་ནས་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་སངས་རྒྱས་སྐྱབས་ལགས་གདན་ཞུས་ཀྱིས་དཔྱད་བསྡུར་གླེང་མོལ་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎