རྒྱ་ནག་གིས་ནང་ཆོས་ཀྱི་ཐོག་ནས་འཛམ་གླིང་རྒྱལ་ཁབ་མང་པོར་འབྲེལ་བ་བྱས་ཏེ་ཆེ་མཐོང་བསྐྲུན་ཐབས་བྱེད་བཞིན་པ།

2022.01.08
རྒྱ་ནག་གིས་ནང་ཆོས་ཀྱི་ཐོག་ནས་འཛམ་གླིང་རྒྱལ་ཁབ་མང་པོར་འབྲེལ་བ་བྱས་ཏེ་ཆེ་མཐོང་བསྐྲུན་ཐབས་བྱེད་བཞིན་པ། རྒྱ་ནག་ཐོག་ཉམས་ཞིབ་གནང་མཁན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཕན་ཐོགས་ལགས།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

རྒྱ་ནག་གཞུང་གིས་བོད་ནང་དུ་དགོན་པར་དམ་དྲག་དང་འདྲ་སྐུ་སོགས་གཏོར་བཤིག་བཏང་གི་ཡོད་པའི་གནས་ཚུལ་རིམ་པར་ཐོན་པའི་དུས་འདིར། ཕྱོགས་གཞན་ནས་རྒྱ་ནག་གཞུང་གིས་འཛམ་གླིང་ནང་རྒྱ་ནག་གི་འདུ་ཤེས་གོང་སྤེལ་དང་། རྒྱལ་སྤྱིའི་ཁྲོད་རྒྱ་ནག་ལ་ཆེ་མཐོང་སྐྲུན་ཐབས་སུ་ནང་ཆོས་ཀྱི་ཐོག་ནས་འཛམ་གླིང་རྒྱལ་ཁབ་མང་པོར་འབྲེལ་བ་བྱེད་བཞིན་ཡོད་པ་ནི། རྒྱ་ནག་དམར་ཤོག་གི་ལས་དོན་ནང་དུ་གལ་ཆེར་འཛིན་བཞིན་ཡོད་པ་རྒྱ་ནག་ཐོག་ཉམས་ཞིབ་གནང་མཁན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཕན་ཐོགས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད་པ་རེད་། ཞིབ་ཕྲ་འདི་གའི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎