འཛམ་གླིང་ནང་གི་འདྲ་སྐུ་མཐོ་ཤོས་བཞེངས་རྒྱུ།


2013.11.01
རྒྱ་གར་རང་བཙན་ཐོབ་སྐབས་ཀྱི་ནང་སྲིད་བློན་ཆེན་དང་པོ་གནང་མཁན་སྐུ་ཞབས་Sardar Patelམཆོག་གི་འདྲ་སྐུ རྒྱ་གར་རང་དབང་རང་བཙན་ཐོབ་ནས་ནང་སྲིད་བློན་ཆེན་དང་པོ་གནང་མཁནSardar Patelམཆོག་གི་འདྲ་སྐུ་
པར། AFP

འཛམ་གླིང་ནང་གི་འདྲ་སྐུ་མཐོ་ཤོས་དེ་བཞིན་རྒྱ་གར་གྱི་མངའ་སྡེ་Gujurat ནང་བཞེངས་འགོ་བཙུགས་ཡོད་འདུག

དེ་ཡང་གནས་ཚུལ་ལྟར་ན། རྒྱ་གར་ནང་གསར་བཞེངས་གནང་འགོ་འཛུགས་པའི་འདྲ་སྐུ་དེ་རྒྱ་གར་རང་དབང་རང་བཙན་ཐོབ་ནས་ནང་སྲིད་བློན་ཆེན་དང་པོ་གནང་མཁནSardar Patelམཆོག་གི་འདྲ་སྐུ་ཡིན་པ་དང་། འདྲ་སྐུ་དེ་མི་རིང་བར་འཛམ་གླིང་ནང་འདྲ་སྐུ་མཐོ་ཤོས་སུ་འགྱུར་རྒྱུ་ཡིན་པ་དང་། རྒྱ་ནག་གི་ཧེ་ནན་ཞིང་ཆེན་ནང་ཡོད་པའི་སྟོན་པ་སངས་རྒྱས་ཀྱི་སྐུ་དེ་ལས་མི་ཊར་༥༤ ཡིས་མཐོ་བ་ཆགས་རྒྱུ་དང་། ཨ་རིའི་རང་དབང་གི་ལྷ་མོའི་འདྲ་སྐུ་ལས་ལྡབ་གཉིས་ཀྱི་ཆེ་བ་མ་ཟད། Brazilཡུལ་གྱི་སྟོན་པ་ཡི་ཤུའི་སྐུ་Christ the Redeemerཞེས་པ་དེ་ལས་ལྡབ་བཞི་ཡིས་མཐོ་བ་ཆགས་རྒྱུ་ཡིན་པ་རེད།

འདྲ་སྐུ་དེ་བཞེངས་རྒྱུའི་འཆར་གཞི་དེ་རྒྱ་གར་ནུབ་ཕྱོགས་ Gujurat མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་། ཕྱོགས་འགལ་BJPཚོགས་པའི་འགོ་ཁྲིད་དང་། མ་ཟད་འཆར་ལོའི་ནང་རྒྱ་གར་གྱི་སྲིད་བློན་གྱི་འོས་མི་སྐུ་ཞབས་ Narendra Modiཡིས་དགོངས་གཞི་ཡིན་པ་རེད། འདྲ་སྐུ་དེ་མངའ་སྡེ་དེའི་ནང་གི་ Narmada རྒྱུགས་ཆུའི་མཚོ་གླིང་ཞིག་གི་སྟེང་བཞེངས་གནང་རྒྱུ་ཡིན་པ་མ་ཟད་མཐོ་ཚད་ཡང་མི་ཊར༡༨༢ དང་ཡང་ན་ཕི་ཊི་ ༦༠༠ ཆགས་རྒྱུ་ཡིན་པ་རེད་།

རྒྱ་གར་རང་དབང་རང་བཙན་གྱི་ནང་སྲིད་བློན་ཆེན་དང་པོ་སྐུ་ཞབས་  Sardar Patel མཆོག་ནི་རྒྱ་གར་རང་བཙན་གྱི་འཐབ་རྩོད་ཁྲོད་དབུ་ཁྲིད་བགྲེས་པ་ཞིག་ཡིན་པ་དང་། ཁོང་གིས་རྒྱ་གར་གྱི་སྲིད་བློན་དང་པོ་ Jawaharlal Nehruམཆོག་ལ་ཕྱི་ལོ་ ༡༩༥༠ ལོའི་ནང་རྒྱ་ནག་གིས་བོད་བཙན་འཛུལ་བྱས་པའི་ངན་བྱུས་ཐོག་ཉེན་བརྡ་ལན་མང་བཏང་མྱོང་ཡོད་མཁན་གྱི་དབུ་ཁྲིད་ཞིག་ཀྱང་ཡིན་པ་རེད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎