རྒྱ་ནག་གིས་ཟས་བཅད་ངོ་རྒོལ་ལས་འགུལ་བ་འཇུ་བཟུང་།


2014.01.09
པར། AFP
Photo: RFA

རྒྱ་ནག་གིས་ཟས་བཅད་ངོ་རྒོལ་བྱེད་མཁན་དམངས་གཙོ་དོན་གཉེར་བ་ལྔ་དང་ཁྲིམས་རྩོད་པ་བཅས་འཇུ་བཟུང་བྱས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ནས་གནས་ཚུལ་སྤེལ་དོན། རྒྱ་ནག་པེ་ཅིན་གནམ་སྡེ་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་དང་། དམངས་གཙོ་དོན་གཉེར་བའི་ཐོག་རྒྱ་ནག་གི་དྲག་པོས་དམག་དཔུང་གིས་དྲག་གནོན་བྱས་ནས་ད་བར་མི་ལོ་༢༥འཁོར་བའི་དུས་དྲན་ཆེད་། བདུན་ཕྲག་སྔོན་མའི་ནང་རྒྱ་ནག་ལྷོ་ཕྱོགས་Guangzhouགྲོང་ཁྱེར་ནང་གཞུང་ལ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་དང་། རྒྱ་ནག་གཞུང་དང་བལྟ་བ་མི་མཐུན་མཁན་སྐུ་ཞབས་ཞོ་ཆིན་ཧྲན་དང་། ཀྲང་ཧྲིན་ཡོའུ། མཱ་ཧྲིན་ཧྥན། ལིང་སོན་ཅི། ཧང་ཡོན་ཝིན་བཅས་མི་ལྔ་རྒྱ་ནག་གི་འབྲེལ་ཡོད་ཉེན་རྟོག་པས་འཇུ་བཟུང་བྱས་འདུག དེ་ནས་ཉིན་གཅིག་གི་རྗེས་ཁོང་ཚོའི་ཁྲིམས་རྩོད་པ་སྐུ་ཞབས་Liu Shihuiཟེར་བ་འདྲི་རྩད་ཆེད་སོང་སྐབས་ཁོ་ཡང་འཇུ་བཟུང་བྱས་འདུག
ད་ལྟ་གནས་ཚུལ་ལྟར་ན་རྒྱ་ནག་ནང་གི་དམངས་གཙོ་དོན་གཉེར་བ་དང་། རྒྱབ་སྐྱོར་བྱེད་མཁན་ཁྲིམས་རྩོད་པ་༡༠༠ལྷག་གིས་Liu Shihuiགློད་བཀྲོལ་ཡོང་ཆེད་མཚན་རྟགས་བཀོད་པའི་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་རེད། ད་ལོ་ནི་རྒྱ་ནག་པེ་ཅིན་གནམ་སྡེ་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་བྱུང་ནས་མི་ལོ་༢༥འཁོར་བའི་ལོ་ཡིན་པར་བརྟེན་རྒྱ་ནག་གི་དམངས་གཙོ་དོན་གཉེར་ཅན་ཚོར་དམིགས་བསལ་དུས་དྲན་ཚོར་བ་ཅན་ཞིག་ཡིན་པ་བཤད་བཞིན་པ་རེད།
གསར་འགོད་པ་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎