བོད་མི་གཞོན་སྐྱེས་ཀྱིས་བོད་དོན་ལ་ལྟ་ཕྱོགས་དང་འདིའི་ནང་ཞུགས་ཕྱོགས།
2023.04.01
བོད་དོན་ཞུ་གཏུག་གྱིས་མཚོན་བོད་དོན་ཐོག་ལ་ཆུང་བྱིས་པའི་དུས་ནས་ཆབ་སྲིད་ཀྱི་ལས་འགུལ་ཁག་ནང་ཞུགས་ཏེ་མི་ཚེའི་ནང་བག་ཆགས་ཤུགས་ཆེ་བཞག་ཡོད་པ། ཕྱི་ལོ་ ༡༩༩༨ ལོར་ལོ་ན་ ༨ ལ་སོན་སྐབས་ཨ་རིར་གནས་སྤོ་བྱས་ཏེ་ལོ་ངོ་ ༢༥ རིང་ལ་བོད་མི་གཞོན་སྐྱེས་ཀྱིས་བོད་དོན་ལ་ལྟ་ཕྱོགས་དང་འདིའི་ནང་ཞུགས་ཕྱོགས་བཅས་ཀྱི་ཐད་རང་ཉིད་ཀྱི་མྱོང་ཚོར་དང་འབྲེལ། ཨ་རིའི་མེསེ་ཆུ་སེཊསི་མངའ་སྡེའི་ཨལེམི་ཧརསཊི་ས་གནས་སུ་གནས་བཞུགས་ངག་དབང་རྒྱ་མཚོ་ལགས་དང་ལྷན། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།