ན་གཞོན་ཉམས་ཞིབ་ཚོགས་འདུ། ཝ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་།
2024.11.13
དེ་རིང་གི་བཅར་འདྲིའི་ལེ་ཚན་ནང་། ཝ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་བསྐོང་ཚོགས་གནང་བའི་ན་གཞོན་ཉམས་ཞིབ་ཚོགས་འདུ་ཐེངས་བཅུ་པ་དེ་བཞིན་ཁ་ས་ལེགས་པར་མཇུག་བསྒྲིལ་གནང་འདུག་ལ། ཉིན་གསུམ་གྱི་ལྷན་ཚོགས་ཐོག་ཉམས་ཞིབ་པ་༣༠ ལྷག་གིས་བོད་ཀྱི་ཆོས་དང་གནའ་དེང་གི་རྒྱལ་རབས་ལོ་རྒྱུས། ཆབ་སྲིད་དང་སྤྱི་ཚོགས། བརྡ་སྤྲོད་དང་རྩོམ་རིག ཁོར་ཡུག་དང་འཕྲོད་བསྟེན་སོགས་བརྗོད་གཞི་མང་པོའི་ཐོག་དཔྱད་རྩོམ་དང་བགྲོ་གླེང་གནང་འདུག་པ་འདི་ཐད་ལྷན་ཚོགས་གོ་སྒྲིག་ཞུ་མཁན་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འབྲེལ་མཐུད་པ་བསྟན་འཛིན་ཕན་ཐོག་ལགས་སུ་ཚེ་དབང་དངོས་གྲུབ་ལགས་ཀྱིས་ཞལ་པར་ཐོག་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།