ཡེ་ཤེས་རྡོ་རྗེ་ལགས་ནས་ཨ་རིའི་གསར་འགྱུར་བརྒྱུད་ལམ་ཞིག་ཏུ་བོད་དོན་ངོ་སྤྲོད།

2023.10.06
ཡེ་ཤེས་རྡོ་རྗེ་ལགས་ནས་ཨ་རིའི་གསར་འགྱུར་བརྒྱུད་ལམ་ཞིག་ཏུ་བོད་དོན་ངོ་སྤྲོད། ཡེ་ཤེས་རྡོ་རྗེ་ལགས་དང་ཁོང་གི་སྐུ་ཟླ།
ཡེ་ཤེས་རྡོ་རྗེ་ལགས་ཀྱི་ངོ་དེབ།

སྐབས་དོན་གླེང་མོལ་གྱི་ལེ་ཚན་ནང་། བོད་དུས་འགྱུར་རྗེས་ནས་སྐྱེས་པའི་བཙན་བྱོལ་བ་བོད་མི་ཞིག་གིས་ཁོང་གི་པཱ་ལགས་བོད་ནང་རྒྱ་མིའི་དམག་མིས་བསད་པའི་སྐོར་དང་འབྲེལ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཇེ་སྡུག་ཇེ་ཞེན་དུ་འགྲོ་བཞིན་པའི་གནས་སྟངས་དང་། དེ་བཞིན་བོད་ནང་གི་སྐད་ཡིག་དང་ངོ་བོ་རིག་གཞུང་ཉམས་ཆགས་འགྲོ་བཞིན་པའི་གནད་དོན་ངོ་སྤྲོད་བྱས་པ་ཨ་རིའི་New Mexico མངའ་སྡེའི་ Santa Fe གྲོང་ཁྱེར་ས་གནས་གསར་འགྱུར་ལས་ཁུངས་རྙིང་ཤོས་ཞིག་གིས་བཀོད་པ་དང་འབྲེལ་ནས་བོད་མི་དེ་ལ་ཐད་ཀར་འདིའི་སྐོར་ཀྱི་གནས་ཚུལ་ཆོས་སྐྱིད་ཀྱིས་བཅར་འདྲི་བྱས་པར་གསན་རོགས་ཞུ།

གསར་འགོད་པ། ཆོས་སྐྱིད།

རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎