ཨ་རིའི་ཡུ་ཊ་མངའ་སྡེའི་གྲོས་ཚོགས་འཐུས་མིར་བོད་དོན་རྒྱབ་སྐྱོར་དགོས་པའི་ཞུ་སྐུལ།

2024.01.13
ཨ་རིའི་ཡུ་ཊ་མངའ་སྡེའི་གྲོས་ཚོགས་འཐུས་མིར་བོད་དོན་རྒྱབ་སྐྱོར་དགོས་པའི་ཞུ་སྐུལ།
དབུས་བོད་མིའི་སྒྲིག་འཛུགས།

ཨ་རིའི་ཡུ་ཊ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བློ་བཟང་ཚེ་རིང་ལགས་དང་། བོད་རིགས་སྤྱི་མཐུན་ཚོགས་པའི་བོད་མིའི་ལས་འགུལ་འབྲེལ་མཐུད་པ་ཟུར་པ་སྤྱི་ཟུར་ཕྱག་མཛོད་ཚང་པདྨ་ལགས། ཚོགས་གཞོན་དང་ཚོགས་མི་བཅས་ཀྱིས་ས་གནས་ཀྱི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་ཁང་དུ་ཨ་རིའི་ཡུ་ཊ་མངའ་སྡེའི་རྒྱལ་ཡོངས་གྲོས་ཚོགས་འཐུས་མི་ Burgess Owensདང་ཁོང་གི་རྫོང་གཞིས་འགན་འཁུར་བ་ Casey Saxton འོས་བསྡུའི་གནད་དོན་སྐོར་ཀྱི་འཆར་བཀོད་པ་Zack Hodgson བཅས་གདན་ཞུས་ཀྱིས། བོད་དོན་ལ་རྒྱབ་སྐྱོར་གནང་དགོས་པ་དང་།  བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་ཀྱི་ཁྲིམས་འཆར་ཨང་༥༣༣ལ་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་ཞུས་འདུག དེའི་སྐོར་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།

གསར་འགོད་པ། རིག་འཛིན་ཆོས་སྒྲོན།

རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎