བོད་ཀྱི་བུད་ལྷན་ཚོགས་སླར་གསོ་བྱུང་ནས་ལོ་༣༠།
2014.09.10

འཇིགས་མེད་སྙན་གྲགས།
༄༅༎ཕྱི་ཟླ་༩ཚེས་༡༠རེས་གཟའ་ལྷག་པའི་ཉིན་བཞུགས་སྒར་དྷ་རམ་ས་ལ་དང་རྒྱ་གར་བྱང་ཤར་འབྲས་ལྗོངས་སོགས་སུ་བཙན་བྱོལ་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག་བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་བྱུང་མི་ལོ་༣༠ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཞུགས་སྒར་གྱི་གསར་འགོད་པ་བློ་བྷེ་ལགས་དང་།རྒྱ་གར་བྱང་ཤར་ཁུལ་གྱི་གསར་འགོད་པ་པ་སངས་ཚེ་རིང་ལགས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎
ཡང་བུད་མེད་ཀྱི་ལེ་ཚན་ནང་། བོད་ཀྱི་བུད་མེད་ལྷན་ཚོགས་བཙན་བྱོལ་ནང་སླར་གསོ་གནང་ནས་ལོ་ངོ་༣༠འཁོར་བའི་དུས་དྲན་དང་འབྲེལ་བའི་སྐོར་དབྱངས་སྒྲོལ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང་།།