བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་༨༢ལ་ཕེབས་པའི་འཁྲུངས་སྐར།

2021.11.10
བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་༨༢ལ་ཕེབས་པའི་འཁྲུངས་སྐར། བོད་མིའི་སྒྲིག་འཛུགས་ནས་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་ལ་གཞུང་འབྲེལ་གྱི་སྲུང་བརྩིས་ཞུས་པ།
བོད་མིའི་སྒྲིག་འཛུགས།

བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་གྱ་གཉིས་ལ་སོན་པའི་འཁྲུངས་སྐར་དང་བསྟུན་འདི་ཚེས་༥་ཉིན་རྒྱ་གར་ལ་དྭགས་དང་རྡ་རམ་སཱ་ལ་དེ་བཞིན་བྱང་ཨ་རིའི་བཅས་ས་ཁུལ་ཁག་༤༠་ཙམ་ལ་མང་ཚོགས་ཀྱིས་དྭང་བླངས་ཐོག་ས་གནས་སོ་སོར་འདུ་འཛོམས་ཀྱིས་འཁྲུངས་སྐར་སྲུང་བརྩི་གནང་བ་དང་། ཡང་དྲ་ཐོག་ལ་དཀའ་དྲིན་རྗེས་དྲན་གྱི་བགྲོ་གླེང་སོགས་རྣམ་པ་འདྲ་མིན་གྱི་ཐོག་ནས་སྲུང་བརྩི་ཞུ་མཁན་ཡང་བྱུང་ཡོད། དེ་རིང་ཁ་བའི་གྲོས་རྭ་ཡི་ལེ་ཚན་གྱི་ནང་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེན་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་ཁོང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག དེ་བཞིན་མང་གཙོ་འཕེལ་རིམ་དང་ཆབ་སྲིད་བཅས་ཀྱི་ཐོག་མཛད་རྗེས་ཇི་ལྟར་འཇོག་གནང་ཡོད་པའི་སྐོར་། ཨ་རིའི་ནུའུ་ཡོ་གཏན་གཞི་བྱེད་པའི་བོད་ཀྱི་ཐེབས་རྩ་ཁང་གི་སྤྱི་ཁྱབ་འགན་འཛིན་དང་བཀའ་ཟུར་སྐུ་ངོ་བློ་བཟང་སྙན་གྲགས་ལགས་དང་། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་འགན་འཛིན་ཟུར་པ་དང་རིན་པོ་ཆེའི་དྲ་རྒྱ་དང་གསུང་རྩོམ་སྡུ་རུབ་ཀྱི་འགན་འཁུར་གནང་བཞིན་པ་ངག་དབང་རབ་རྒྱས་ལགས་དང་། ད་ལྟ་ཁེ་ན་ཌའི་ན་བཞུགས་པའི་ཝ་ཎ་གཙུག་ལག་སློབ་གཉེར་ཁང་གི་སློབ་ཟུར་ཨ་ཅྱ་ཚེ་རིང་རྡོ་རྗེ་བཅས་རྣམ་པ་གསུམ་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བགྲོ་གླེང་གནང་བ་གསན་རོགས་ཞུ།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎