བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་སྟེང་༧གོང་ས་མཆོག་གི་སྐུ་ཕྱྭ་སྲུང་སྐྱོབ་ཐད་སྔར་ལྷག་ལས་དོན་སྤེལ་ཕྱོགས་སྐོར་གྲོས་ཆོད།

2021.10.13
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་སྟེང་༧གོང་ས་མཆོག་གི་སྐུ་ཕྱྭ་སྲུང་སྐྱོབ་ཐད་སྔར་ལྷག་ལས་དོན་སྤེལ་ཕྱོགས་སྐོར་གྲོས་ཆོད། སྐུ་མགྲོན་གཙོ་བོར་ཧི་མ་ཅཱ་མངའ་སྡེའི་འཛིན་སྐྱོང་སྐུ་ཞབས་རཱ་ཇེནྡྲ་ཝིཤ་ཝ་ན་ཐི་ཨར་ལེ་ཀར་དང་།བོད་མིའི་སྒྲིགས་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གཉིས་གཙོའི་རྒྱ་གར་(RSS)ཚོགས་པའི་སློབ་སྟོན་པ་ཨིན་ཌིར་ཞི་ཀུ་མར་ལགས་བཅས་མཛད་སྒོར་བཅར་གནང་ཡོད་པ་།
Photo: RFA

ཕྱི་ཟླ་༡༠ཚེས་༡༢ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་བཙུགས་ནས་ལོ་ངོ་ཧྲིལ་བོ་༥༠་འཁོར་བའི་དུས་དྲན་དང་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༥༠་པའི་ཚོགས་འདུའི་མཇུག་བསྡོམས་མཛད་སྒོ་ཚོགས་གནང་ཡོད་པ་དང་། ཐེངས་འདིའི་ཚོགས་འདུའི་སྟེང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་སྲུང་སྐྱོབ་ཐད་སྔར་ལྷག་ལས་དོན་བྱེད་ཕྱོགས་དང་། བོད་ནང་གི་ཆབ་སྲིད་བཙོན་མ་རྣམས་ཀློད་གྲོལ་དགོས་པའི་ལས་འགུལ་སྤེལ་ཕྱོགས། འཆར་ལ་ཉེ་བའི་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐད་ཛ་དྲག་གི་ལས་འགུལ་སྤེལ་ཕྱོགས་སོགས་གྲོས་གཞི་དོན་ཚན་༡༠་གཏན་འབེབ་གནང་ཡོད་པ་དང་།བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ནས་ཐེངས་འདིར་ཉིན་གྲངས་ལྔའི་རིང་གི་ཚོགས་འདུ་དེ་ལམ་ལྷུང་ཡག་པོ་བྱུང་སོང་བ་དང་། ཚོགས་འདུའི་སྟེང་གྲོས་གཞི་གྲོས་ཆོད་གལ་ཆེན་ཁག་ཅིག་འཇོག་ཐུབ་པ་སོགས་བྱུང་ཡོད་སྐོར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་། འདི་གའི་སྐོར་གསར་འགོད་པ་སངས་རྒྱས་དཀོན་མཆོག་ཀྱིས་གནས་ཚུལ་ལ་གསན་རོགས་ཞུ།།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎