ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་འཕོ་འགྱུར་བཏང་བའི་གནད་དོན།
2021.03.27

༄༅།།ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་ནས་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་འཕོ་འགྱུར་བཏང་བའི་གནད་དོན་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམས་པས་ཉེས་འཛུགས་ལ་ངོས་ལེན་གནང་མེད་པ་བཅས་དང་འབྲེལ་ནས་བོད་མི་མང་སྤྱི་འཐུས་ལས་ཟུར་འཇིགས་མེད་འབྱུང་གནས་ལགས་དང་། སྤྱི་འཐུས་ལས་ཟུར་མོག་རུ་བསྟན་པ་ལགས། བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྒྱ་གར་ལྷོ་ཕྱོགས་ས་གནས་ཁྲིམས་ཁང་གི་ཁྲིམས་དཔོན་ཟུར་པ་དང་བཤེར་དཔང་ཟུར་པ་ཕུར་བུ་རྡོ་རྗེ་ལགས་བཅས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་བཀའ་དྲི་ཞུས་པའི་ལས་རིམ་ཞིག་ལ་གསན་རོགས་གནང་།།
གསར་འགོད་པ་བཀྲ་ཤིས་དབང་ཕྱུག