འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ནས་མ་ཧ་ར་ཤི་ཊ་མངའ་སྡེའི་སྲིད་སྐྱོང་ལྷན་མཇལ་མོལ་གནང་བ།
2022.11.08
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ནས་རྒྱ་གར་མ་ཧ་ར་ཤི་ཊ་མངའ་སྡེའི་གྲོང་ཁྱེར་མུམ་བྷེ་རུ་མངའ་སྡེའི་སྲིད་སྐྱོང་ Bhagat Singh Koshyari མཆོག་དང་ལྷན་མཇལ་འཕྲད་གནང་ཞིང་། སྐབས་དེར་སྲིད་སྐྱོང་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་སྐོར་མཁྱེན་རྟོགས་ཡོད་པ་གསུངས་ཐོག་བོད་དོན་ཐད་ལ་ཐུགས་སྣང་གི་རྣམ་འགྱུར་ཤུགས་ཆེ་བསྟན་བྱུང་ཞེས་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་མུམ་བཡེ་ནས་ཞལ་པར་བརྒྱུད་འགྲེལ་བརྗོད་གནང་བྱུང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།