སྤྱི་འཐུས་ཀྱི་ཡོ་རོབ་སྐོར་སྐྱོད།
2013.11.22

བོད་མི་མང་སྤྱི་འཐུས་དྲ་ཚིགས།
༄༅། །དེ་རིང་གི་རང་དབང་གི་གླེང་སྟེགས་ཞེས་པའི་ལེ་ཚན་ནང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་འཐུས་མི་ཁག་ཅིག་ཡོ་རོབ་ཁུལ་དུ་ཕེབས་ནས། བོད་དོན་ངོ་སྤྲོད་དང་། བོད་དོན་ཐོག་རྒྱབ་སྐྱོར་འཚོལ་ཐབས་ཀྱི་ལས་འགུལ་སྤེལ་བཞིན་པའི་སྐོར་ལ། ལས་འགུལ་དེའི་ནང་དངོས་སུ་ཞུགས་ཡོད་པའི་མདོ་སྨད་སྤྱི་འཐུས་མཁྱེན་རབ་ལགས་དང་མཉམ་དུ་དཔལ་ལྡན་རྒྱལ་གྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།