རྒྱ་བལ་འབྲུག་གསུམ་མ་ཡིན་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་མི་ཁྱོན་སྡོམ་༥༥༡༧༠་ཡོད་པ་བོད་མིའི་སྒྲིག་འཛུགས་ནས་ཕྱིར་བསྒྲགས་གནང་ཡོད་པ།

2022.10.13
རྒྱ་བལ་འབྲུག་གསུམ་མ་ཡིན་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་མི་ཁྱོན་སྡོམ་༥༥༡༧༠་ཡོད་པ་བོད་མིའི་སྒྲིག་འཛུགས་ནས་ཕྱིར་བསྒྲགས་གནང་ཡོད་པ། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་རྐམ་ཆོས་དབྱིངས།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

རྒྱ་གར་དང་བལ་ཡུལ་དང་འབྲུག་གསུམ་མ་ཡིན་པར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཁྱོན་སྡོམ་བོད་མི་༥༥༡༧༠་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱིས་མི་འབོར་གྲངས་བཤེར་བྱས་འབྲས་སུ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཁྱོན་བསྡོམས་བོད་མི་༥༥༡༧༠ཡོད་པ་དང་། མི་འབོར་གྲངས་བཤེར་དུ་མཉམ་ཞུགས་གནང་བ་༢༢༠༥༩དང་། གྲངས་བཤེར་དུ་མ་ཚུད་པ་༣༠༡༡༡ཡིན་པ་ཕྱི་དྲིལ་དྲུང་ཆེ་རྐམ་ཆོས་དབྱིངས་ལགས་ཀྱིས་གསུངས་བའི་སྐོར། འདི་གའི་གསར་འགོད་པ་བློ་བྷེ་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎