བོད་དོན་ཞུ་གཏུག་གི་ལས་འགུལ་དང་དེའི་ཤུགས་རྐྱེན།
2023.04.03
ཕྱི་ལོ་ ༢༠༢༣ ལོའི་བོད་དོན་ཞུ་གཏུག་གི་ལས་འགུལ་བརྒྱུད་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་ཨ་མི་རི་ཀའི་གྲོས་ཚོགས་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་ངོ་སྤྲོད་ཟིན་པ་འདིའི་ཐོག་གཏན་འབེབས་གནང་རྒྱུའི་སྐུལ་མ་ཞུས་ཡོད་པས། ཞུ་གཏུག་གི་ལས་འགུལ་ཁག་གིས་ཁྲིམས་འཆར་ཁག་ཁྲིམས་སུ་བཅའ་རྒྱུར་རྒྱབ་སྐྱོར་ཇི་ཙམ་བསྡུ་རུབ་བྱུང་ཡོད་མེད་ཐད། ཐེངས་འདིའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་གྲོས་བསྡུར་ཞུ་རྒྱུ་དང་། འདིའི་བརྒྱུད་བོད་རྒྱ་གྲོས་མོལ་ལ་སྐུལ་མ་ཇི་ཙམ་བཏང་ཡོད་མེད་ཐད་དཔྱད་གླེང་ཆེད་བཀྲིས་དབང་ཕྱུག་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་གླེང་མོལ་ཞུས་པ་འདི་གསན་རོགས་གནང་།
གསར་འགོད་པ། བཀྲིས་དབང་ཕྱུག བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།