བོད་ཀྱི་ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ལགས་དང་ཐུབ་བསྟན་ཆོས་ཉིད་ལགས་རྣམ་གཉིས་ནས་ནིའུ་ཡོག་ཏུ་ངོ་རྒོལ་གནང་ཡོད་པ།
2024.02.13

ཐེངས་འདིའི་གནས་འདྲིའི་ལེ་ཚན་ནང་བོད་ཀྱི་ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ལགས་དང་ཐུབ་བསྟན་ཆོས་ཉིད་ལགས་རྣམ་གཉིས་དང་རྒྱབ་སྐྱོར་གནང་མཁན་ཕྱི་ནང་མི་རིགས་མང་པོས་བོད་ཀྱི་ལོ་གསར་ཚེས་༡ཉིན་ཨ་མེ་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱེད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མའི་མདུན་ལོ་གསར་གཏོང་གནང་རྒྱུ་མེད་པའི་བོད་ནང་གི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་ཆེད་ཀྱི་ལས་འགུལ་སྤེལ་གནང་བའི་སྐོར་འབྲེལ་ཡོད་མི་སྣར་སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་གནས་འདྲི་ཞུས་ནས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང།།
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག