སྒོ་ཕྱུགས་གསོ་སྐྱོང་དང་ས་ཞིང་འདེབས་ལས་ཐོག་དོ་དབྱིངས།
2018.03.23

དེང་སང་གཞིས་ཆགས་ཁག་གི་ནང་གཞོན་སྐྱེས་མང་པོ་ཞིག་ལ་སྒོ་ཕྱུགས་གསོ་སྐྱོང་དང་ས་ཞིང་འདེབས་ལས་ཐོག་དོ་དབྱིངས་ཡོང་བཞིན་པས་ན་དེའི་ཐད་མཐུན་འགྱུར་གནང་རྒྱུ་ཡིན་པ་ནང་སྲིད་བཀའ་བློན་མཆོག་གིས་གྲོས་ཚོགས་ནང་གསུངས་འདུག དེའི་སྐོར་ང་ཚོའི་དྷ་རམ་ས་ལའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།